སྤྱི་ཁྱབ་ཧྲུའུ་ཅིས་གཞོན་ནུ་ལས་བྱེད་པར་གནང་བའི་བཀའ་སློབ་ལ་རང་ལྗོངས་སུ་ཚུར་སྣང་ལན་ཆ་དྲག

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-10-14

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ་བཅུ་པའི་ཚེས ༡༠ ཉིན།  ཀྲུང་དབྱང་ཏང་གི་སློབ་གྲྭའི་གཞོན་ནུ་ལས་བྱེད་པའི་སྦྱོང་བརྡར་འཛིན་གྲྭའི་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་ལ།  རང་ལྗོངས་ཀྱི་རྒྱ་ཆེའི་གཞོན་ནུ་ལས་བྱེད་པས་དོ་སྣང་ཆེན་པོ་བྱས་ཏེ་དངོས་ཡོད་གནད་དོན་ཐག་གཅོད་བྱེད་པའི་འཇོན་ཐང་ཆེ་རུ་བཏང་ཐོག་དུས་རབས་གསར་པའི་འགན་འཁྲི་ཡག་པོ་འཁུར་རྒྱུ་ཡིན་ཞེས་བཤད་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནས་གསུང་བཤད་གནང་སྐབས།  ལས་བྱེད་པས་ལས་དོན་ཡག་པོ་སྒྲུབ་པའི་འཇོན་ཐང་ཁག་ནང་ནས་ཆབ་སྲིད་འཇོན་ཐང་ནི་ཨང་དང་པོ་རེད་ཅེས་ནན་བཤད་གནང་ཡོད་པའི་ཐད།  རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་བདག་པོ་ཞེས་པའི་དུས་དེབ་ཀྱི་རྩོམ་སྒྲིག་པ་ཡོན་ཏན་ཕུན་ཚོགས་ཀྱིས།  རང་ཉིད་བཟོ་ཚོགས་ཁོངས་གཏོགས་ཀྱི་ན་གཞོན་ཏང་ཡོན་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས།  རང་འཁྲིའི་ལས་གནས་ལ་གཞི་ཚུགས་ཏེ་རང་རྟོགས་ངང་དར་ཆ་མཐོ་བསྒྲེངས་དང་མི་སེམས་གཅིག་སྒྲིལ།  མི་གསར་གསོ་སྐྱོང་།  རིག་གནས་དར་སྤེལ།  གཟུགས་བརྙན་མངོན་པ་བཅས་ཀྱི་འགན་འཁྲི་འཁུར་ནས།  བདག་པོ་ཞེས་པའི་དུས་དེབ་དེ་ལས་བཟོ་མང་ཚོགས་ཀྱི་ཁེ་དབང་སྲུང་སྐྱོང་དང་སྤྱི་ཡོངས་ལ་ཞབས་ཞུ་སྒྲུབ་པའི་དུས་དེབ་ཡག་པོ་ཞིག་ཏུ་འགྱུར་བ་བྱེད་རྒྱུ་ཡིན་ཞེས་བཤད།

བརྟག་དཔྱད་ཞིབ་འཇུག་གི་འཇོན་ཐང་ཆེ་རུ་གཏོང་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཞོན་ནུ་ལས་བྱེད་པར་བཏོན་གནང་བའི་བླང་བྱ་གལ་ཆེན་ཞིག་རེད།  ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་མི་དམངས་འཐུས་ཚོགས་ཀྱི་ཆེད་བསྐོས་ཀྲུའུ་ཞི་གཞོན་པ་ཏེའི་གྲུན་ཁྲང་གིས།  ང་ཚོས་ངེས་པར་དུ་མང་ཚོགས་ཁྲོད་ཟབ་སྐྱོད་བྱས་ཏེ་མང་ཚོགས་དང་ངོ་འཕྲད་སྤེལ་རེས་བརྒྱུད་ཁོང་ཚོའི་སེམས་གཏིང་གི་སྐད་ཆ་ཉན་པ་དང་གནས་ཚུལ་ཤེས་རྟོགས།  དམངས་ཀྱི་འདོད་ཚུལ་ཤེས་རྟོགས།  གནད་དོན་ཤེས་རྟོགས་བཅས་བྱེད་དགོས་པ་མ་ཟད།  བརྟག་ཞིབ་བྱས་འབྲས་ལ་གང་ལེགས་བརྟེན་ནས་ཞིབ་འཇུག་དབྱེ་ཞིབ་གཏིང་ཟབ་བྱེད་པ་བརྒྱུད་འགག་གནད་འཚོལ་ཞིབ་བྱེད་པ་དང་།  ཐབས་དང་ཇུས་འདོན་པ་བཅས་བྱས་ནས་མང་ཚོགས་ཆེད་བྱ་བ་བཟང་པོ་དང་དོན་དངོས་བྱ་བ་སྒྲུབ་དགོས་ཀྱི་རེད་ཅེས་གསུངས།

གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་ར་སོག་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་དངོས་གྲུབ་ཀྱིས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་དེ་གནད་ལ་འཕིགས་པ་དང་གཏིང་ཟབ་པ་ཞིག་འདུག་ལ།  མང་ཚོགས་ཀྱི་ལས་དོན་སྒྲུབ་པའི་འཇོན་ཐང་ཆེ་རུ་གཏོང་རྒྱུའི་ཐད་གཞོན་ནུ་ལས་བྱེད་པར་བཏོན་གནང་བའི་བླང་བྱ་གསར་པ་དེས་རང་ཉིད་ལ་ཕན་པ་ཡང་ཆེན་པོ་ཐོགས་བྱུང་།  སླད་ཕྱིན་གྱི་ལས་ཀའི་ཁྲོད་ངས་མང་ཚོགས་ཁྲོད་ནས་ཡོང་བ་དང་མང་ཚོགས་ཁྲོད་སྐྱོད་རྒྱུ་རྒྱུན་འཁྱོངས་བྱས་ཏེ་མང་ཚོགས་ཆེད་དོན་དངོས་བྱ་བ་དང་བྱ་བ་བཟང་པོ་གང་མང་སྒྲུབ་རྒྱུ་ཡིན་ཞེས་བཤད།

ལྷ་ས་གྲོང་ཁྱེར་ཁྲིམས་འཛིན་ཁོངས་གཏོགས་ཀྱི་ལས་བྱེད་ཉེན་རྟོག་པ་ཧུའུ་ཞའོ་ཡུལ་གྱིས།  ང་ཚོས་དུས་རབས་གསར་པའི་འགན་འཁྲི་ཕྲག་ཏུ་འཁུར་ཏེ་དུས་བབ་གསར་པ་དང་གནད་དོན་གསར་པའི་མདུན་དུ་གནད་དོན་ཐག་གཅོད་བྱེད་པའི་འཇོན་ཐང་རྒྱུན་མཐུན་ཆེ་རུ་གཏོང་བ་དང་།  གཟེར་འདེབས་སྙིང་སྟོབས་ཐོག་ནས་ལས་དོན་ཏན་ཏིག་སྤེལ་བ།  བྱ་གཞག་གི་བསམ་པ་དང་འགན་སེམས་ཆེན་པོའི་སྒོ་ནས་སྤྱིར་བཏང་གི་ལས་གནས་ཐོག་སྤྱིར་བཏང་མིན་པའི་རིན་ཐང་མངོན་པ་བཅས་བྱེད་རྒྱུ་ཡིན་ཞེས་བཤད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནས་གཞོན་ནུ་ལས་བྱེད་པས་དོན་འཁྱོལ་དམ་འཛིན་བྱེད་པའི་འཇོན་ཐང་ཆེ་རུ་གཏོང་དགོས་ཞེས་ནན་གསུངས་གནང་བར་རང་ལྗོངས་གཞོན་ནུ་ལས་བྱེད་པས་དོ་སྣང་ཆེན་པོ་བྱས་ཡོད།  མངའ་རིས་ས་ཨུད་དྲིལ་བསྒྲགས་པུའི་གཞོན་ནུ་ལས་བྱེད་པ་ལིའུ་ཀྲེང་གིས།  དོན་གཉེར་གོང་བཀུར་དང་དོན་འཁྱོལ་དམ་འཛིན་བྱེད་རྒྱུ་ནི་རང་རེའི་ཏང་གི་སྲོལ་རྒྱུན་བཟང་པོ་ཞིག་རེད།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་དེས་ང་ཚོས་ལས་དོན་ཡག་པོ་སྒྲུབ་རྒྱུར་ཁ་ཕྱོགས་གསལ་སྟོན་གནང་ཡོད་ལ་བྱ་ཐབས་ཀྱང་བསླབས་གནང་ཡོད།  དེང་སྐབས་རང་ལྗོངས་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དྲིལ་བསྒྲགས་དང་ལག་བསྟར།  དོན་འཁྱོལ་བཅས་གཏིང་ཟབ་བྱེད་བཞིན་ཡོད་པས།  དྲིལ་བསྒྲགས་ཁོངས་གཏོགས་ཀྱི་ལས་བྱེད་པ་ཞིག་གི་ངོས་ནས་དོན་འཁྱོལ་དམ་འཛིན་བྱས་ཏེ་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དང་།  ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་པ་མི་སེམས་སུ་ཟུག་ཐུབ་པ་བྱེད་རྒྱུ་ཡིན་ཞེས་གསུངས།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]