རང་སྐྱོང་ལྗོངས་ཏང་ཨུད་སྐབས་དགུ་པས་རེས་སྐོར་དགུ་པའི་སྐོར་གཟིགས་ལས་ཀ་བཀོད་སྒྲིག་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-10-16

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ་བཅུ་པའི་ཚེས ༡༤ ཉིན།  རང་སྐྱོང་ལྗོངས་ཏང་ཨུད་སྐབས་དགུ་པས་རེས་སྐོར་དགུ་པའི་སྐོར་གཟིགས་ལས་ཀའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་ལྷ་སར་འཚོགས་པ་དང་།  རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རང་སྐྱོང་ལྗོངས་ཏང་ཨུད་སྐོར་གཟིགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝང་ཝུད་ཏུང་གིས་སྐུལ་སློང་བཀོད་སྒྲིག་གནང་སྐབས།  ལྗོངས་ཡོངས་ཀྱི་རིམ་ཁག་སྐོར་གཟིགས་ཚན་པས་མི་དམངས་ལྟེ་བར་འཛིན་པའི་རིན་ཐང་གི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་དོན་འཁྱོལ་བཞིར་དམིགས་དགོས་པ་དང་ ཆབས་ཅིག  བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་ཚུལ་མངོན་ཆེར་འཛིན་ཏེ་ལྟ་སྐུལ་བྱས་ཐོག  ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་དང་མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་།  མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན།  དཔལ་འབྱོར་སྤྱི་ཚོགས་སྤུས་ལེགས་གོང་འཕེལ།  སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་སོགས་ཀྱི་གནས་ཚུལ་དང་དམ་པོར་བསྟུན་ནས།  ལག་བསྟར་དོན་འཁྱོལ་ཁྲོད་ཀྱི་ཆབ་སྲིད་ཀྱི་ཧེ་བག་འཚོལ་ཞིབ་བྱེད་པ་དང་ཡོ་སྲང་བྱེད་རྒྱུར་སྐུལ་འདེད་བཏང་སྟེ།  དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དོན་འཁྱོལ་ཡག་པོ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་ཡོད།

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད།  རང་སྐྱོང་ལྗོངས་ཏང་ཨུད་སྐབས་དགུ་པའི་རེས་སྐོར་དགུ་པའི་སྐོར་གཟིགས་ཚོགས་པས་རང་སྐྱོང་ལྗོངས་ཏང་ཨུད་གཞུང་ལས་ཐིང་སོགས་ཏང་རྩ་འཛུགས ༣༠ ལ་རྒྱུན་སྲོལ་སྐོར་གཟིགས་བྱེད་རྒྱུ་རེད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]