ལྷ་སར་བཅའ་སྡོད་ནེ་པ་ལའི་གཞུང་ཚབ་ཁང་གིས་རྒྱལ་སྟོན་སྣེ་ལེན་ཚོགས་འདུ་འཚོགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-09-22

སྤྱི་ཟླ་དགུ་པའི་ཚེས ༡༩ ཉིན།  ལྷ་སར་བཅའ་སྡོད་ནེ་པ་ལའི་གཞུང་ཚབ་ཁང་གིས་ལྷ་སར་ནེ་པ་ལའི་རྒྱལ་སྟོན་སྣེ་ལེན་ཚོགས་འདུ་འཚོགས་པ་རེད།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ་གདན་ཞུ་ལྟར་སྣེ་ལེན་ཚོགས་འདུར་ཞུགས་པ་མ་ཟད།  ལྷ་སར་བཅའ་སྡོད་ནེ་པ་ལའི་སྤྱི་ཁྱབ་གཞུང་ཚབ་ཁང་གི་འགོ་གཙོ་ནཱ་ཝ་ལ་ཇེ་ཏ་ཁར་དང་མཛའ་བརྩེའི་སྤེལ་རེས་ཀྱང་གནང་བ་རེད།
ཅང་ཅེ་ནས།  ནེ་པ་ལས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་ལེན་མཐའ་གཅིག་ཏུ་བསྟར་བར་བསྔགས་བརྗོད་གནང་བ་དང༌།  བོད་ལྗོངས་ཀྱིས་མུ་མཐུད་ཀྲུའུ་ཞི་ཞི་ཅིན་ཕིང་ནས་ནེ་པ་ལའི་དབུ་ཁྲིད་དང་གཅིག་མཐུན་བྱུང་བའི་གལ་ཆེའི་ངོས་འཛིན་དོན་འཁྱོལ་ཡག་པོ་བྱས་ཏེ།  རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་མཐུད་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས།
ནཱ་ཝ་ལ་ཇེ་ཏ་ཁར་ནས།  ཕྱོགས་གཉིས་པོས་མུ་མཐུད་དཔལ་འབྱོར་ཉོ་ཚོང་དང་རྨང་གཞིའི་སྒྲོག་བཀོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་བྱས་ཏེ།  རྒྱུན་ཆད་མེད་པར་ནེ་པ་ལ་དང་ཀྲུང་གོའི་སྲོལ་རྒྱུན་མཛའ་གྲོགས་ཟབ་ཏུ་གཏོང་རྒྱུའི་ཐུགས་རེ་གནང་བ་རེད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]