ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ཁྱད་ཆོས་དང་ཆབ་སྲིད་ཀྱི་ལེགས་ཆར་གོ་བ་གཏིང་ཟབ་ལེན་དགོས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-11-24

ཉེ་དུས་མི་དམངས་ཉིན་རེའི་ཚགས་པར་ཁང་གིས།  ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་རྒྱུ་གླེང་བའི།  ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ཁྱད་ཆོས་དང་ཆབ་སྲིད་ཀྱི་ལེགས་ཆར་གོ་བ་གཏིང་ཟབ་ལེན་དགོས་ཞེས་འགོ་བརྗོད་དུ་འཁོད་པའི་དཔྱད་གཏམ་པའི་རྩོམ་ཡིག་གཅིག་སྤེལ་ཡོད།

རྩོམ་ཡིག་ནང༌།  དར་ཆ་གསལ་སྟོན་ངང་ཆབ་སྲིད་ལ་སྣང་ཆེན་བྱེད་རྒྱུ་དང་།  ཏང་གི་མཐུན་སྒྲིལ་དང་གཅིག་བསྡུས་གཅིག་གྱུར་འགན་སྲུང་བྱེད་རྒྱུ་ནི་ཏང་གི་སྲོག་རྩ་ལྟ་བུ་རེད་ལ།  རང་རེའི་ཏང་འདི་ཉིད་ལོ་བརྒྱའི་ཏང་ཆེན་པོ་ཞིག་ཏུ་གྱུར་བ་དང་དུས་རབས་ཀྱི་རླབས་ཆེའི་བྱ་གཞག་གཏོད་ཐུབ་པའི་འགག་རྩ་དེ་ཡང་རེད།  ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་ཏང་གི་མཐུན་སྒྲིལ་དང་གཅིག་བསྡུས་གཅིག་གྱུར་སྔར་བས་ཆེ་རུ་བཏང་སྟེ།  ཏང་ཡོངས་གོམ་སྟབས་གཅིག་གྱུར་ངང་མདུན་སྐྱོད་བྱེད་རྒྱུར་དམིགས་ནས་ངེས་པར་དུ་ཏང་གི་ཕྱོགས་ཡོངས་འགོ་ཁྲིད་དང་།  ལྷག་པར་དུ་ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་དམངས་གཙོ་གཅིག་བསྡུས་ལམ་ལུགས་རྒྱུན་འཁྱོངས་བྱས་ཏེ།  ཏང་གིས་ཐོག་མཐའ་བར་གསུམ་དུ་སྤྱི་ཡོངས་ལ་གཅིག་འདོམས་དང་ཕྱོགས་ཁག་ལ་མཐུན་སྦྱོར་ཐུབ་པ་བྱེད་དགོས་པའི་ནན་བཤད་བྱས་ཡོད།

ཏང་གི་ཆབ་སྲིད་འཛུགས་སྐྱོང་ནི་ཏང་གི་རྩ་བའི་རང་བཞིན་གྱི་འཛུགས་སྐྱོང་ཞིག་ཡིན་པ་དང་།  དེས་ཏང་འཛུགས་སྐྱོང་གི་ཁ་ཕྱོགས་དང་ཕན་འབྲས་གཏན་འཁེལ་བྱེད་ཀྱི་ཡོད།  ཏང་གི་ཆབ་སྲིད་འཛུགས་སྐྱོང་གི་ལས་འགན་གཙོ་བོ་ནི།  ཏང་ཡོངས་ཀྱིས་ཀྲུང་དབྱང་ལ་བསྟུན་ཐུབ་པ་བྱས་ཏེ་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུས་གཅིག་གྱུར་འགོ་ཁྲིད་སྲུང་སྐྱོང་བྱེད་རྒྱུ་དེ་རེད།  ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུས་གཅིག་གྱུར་འགོ་ཁྲིད་སྲུང་སྐྱོང་བྱེད་པར་ཞུམ་མེད་ནུས་ལྡན་གྱི་འགོ་ཁྲིད་སྲོག་ཤིང་ཞིག་ལྡན་པ་བྱེད་རྒྱུ་ནི་གལ་ཆེན་ནང་གི་གལ་ཆེན་ཞིག་རེད།  ཏང་ཡོངས་ལ་སྲོག་ཤིང་ལྡན་ཚེ་ཏང་ཀྲུང་དབྱང་ལ་གཞི་ནས་དབང་གྲགས་ལྡན་ཐུབ་པ་དང་།  ཏང་ལ་སྟོབས་ཤུགས་ལྡན་ཐུབ་པ་ལོ་རྒྱུས་དང་དོན་དངོས་ཐོག་ནས་ར་སྤྲོད་ཐུབ་ཡོད།
ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཉམས་མྱོང་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་ཆོད་ནང་།  ཏང་གིས་བློ་མཐུན་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གནས་འབབ་ལ་གཏན་འཁེལ་བྱས་ཡོད་ལ།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པའི་མཛུབ་ཁྲིད་གནས་འབབ་གཏན་འཁེལ་བྱས་པ་དེས།  ཏང་ཡོངས་དང་དམག་ཡོངས།  རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཐུན་མོང་བསམ་འདུན་མངོན་ཡོད་པས།  དེར་དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ལོ་རྒྱུས་འཕེལ་རིམ་ལ་སྐུལ་འདེད་གཏོང་རྒྱུའི་ཐད་གཏན་འཁེལ་རང་བཞིན་གྱི་དོན་སྙིང་ལྡན་པ་མཛུབ་སྟོན་བྱས་ཡོད་ཅེས་བཀོད་ཡོད།

རྩོམ་ཡིག་ནང༌།  དེང་གི་འཛམ་གླིང་དེར་ལོ་བརྒྱའི་ནང་བྱུང་མ་མྱོང་བའི་འཕོ་འགྱུར་བྱུང་བཞིན་ཡོད་པ་དང་།  རང་རྒྱལ་འདི་ཉིད་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་འགག་རྩའི་དུས་མཚམས་སུ་སླེབས་ཡོད་པས།  རང་རེའི་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེའི་འབད་འཐབ་བྱེད་བཞིན་ཡོད།  དམིགས་ཚད་དང་ཐག་ཇི་ཙམ་ཉེ་ན་དེ་ཙམ་གྱིས་དུས་བབ་རྙོགས་འཛིང་ཆེ་བ་དང་ལས་འགན་ཇི་ཙམ་གྱིས་དཀའ་ཚེགས་ཆེ་བས།  དེ་ཙམ་གྱིས་ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་འགོ་ཁྲིད་ཀྱི་སྲོག་ཤིང་ནུས་པ་འདོན་སྤེལ་བྱེད་དགོས་ཀྱི་རེད།  ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པར།  ངེས་པར་དུ་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་མ་ཁེ་སི་རིང་ལུགས་སྲིད་ཏང་གི་མངོན་གསལ་དོད་པའི་ཁྱད་ཆོས་དང་ཆབ་སྲིད་ཀྱི་ལེགས་ཆར་གོ་བ་གཏིང་ཟབ་ལེན་ཏེ།  བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་ལ་མིག་བལྟོས་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་དང་ཁ་ཕྱོགས།  རྩ་དོན།  འགྲོ་ལམ་བཅས་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་འགྱུར་ཡོང་བ་བྱེད་དགོས།  འདས་ཟིན་པའི་ལོ་བརྒྱའི་ནང༌རང་རེའི་ཏང་གིས་གཡུར་ཟའི་གྲུབ་འབྲས་གཏོད་ཡོད།  རྒྱང་ལམ་གསར་པའི་ཐོག་ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱས་ཏེ།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཐོག་ཕུགས་བསམ་དང་དད་སེམས་བརྟན་དུ་བཏང་ཡོད་ལ།  ཐོག་མའི་བསམ་འདུན་དང་འགན་འཁྲི་ཡང་བློ་ལ་བརྟན་པོར་འཆངས་ནས།  ཕྱར་བ་གྲུ་འདེགས་དང་དཀའ་སྤྱད་འགག་སྒྲོལ།  ཞུམ་མེད་མདུན་སྐྱོད་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེར་སྐུལ་འདེད་ཟམ་མི་ཆད་པ་བཏང་ཡོད་ཅེས་བཏོན་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]