མཐའ་མཚམས་བསྲུངས་ནས་ལང་ཚོ་ཆུད་ཟོས་སུ་མི་གཏོང་བ།

ཡོང་ཁུངས།   བོད་ལྗོངས་ཉིན་རེའི་ཚགས་པར།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2022-05-11

མ་ཡུམ་ཟམ་པའི་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་

སྐོར་གཡེང་བྱེད་པའི་བར་གསེང་དུ་སྟབས་བདེའི་ཐུག་པ་འཐུང་བཞིན་པ 

སྤྱི་ལོ ༢༠༢༢ ལོའི་རྒྱལ་ཡོངས་ལྔ་བཞིའི་དར་དམར་སྡེ་ཚོགས་ཀྲི་པུའུ་ཡི་མཚན་སྙན་ཐོབ་པའི་མངའ་རིས་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་མ་ཡུམ་ཟམ་པའི་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱིས་ས་བབ་མཐོ་ཚད་སྨི ༤༩༠༠ ཟིན་པའི་མངའ་རིས་མཐའ་མཚམས་དོ་དམ་ཁུལ་གྱི་ཤར་སྒོ་བསྲུངས་ཏེ།  རྒྱལ་ལམ ༢༡༩ ཡི་མ་ཡུམ་ལ་ཏ་པན་དུམ་བུའི་མཐའ་མཚམས་དོ་དམ་ཁུལ་དུ་འཛུལ་སྒྲོལ་བྱེད་མཁན་གྱི་མི་སྣ་དང་རླངས་འཁོར་ལ་ཞིབ་བཤེར་དང་།  རོགས་སྐྱོབ།  སྐོར་གཡེང་དོ་དམ་ཚོད་འཛིན།  མཐའ་མཚམས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་བ་སོགས་ཀྱི་ལས་འགན་འཁུར་གྱི་ཡོད།  འདི་ལོ་ཚུན་ཞིབ་བཤེར་ས་ཚིགས་དེས་མཐའ་མཚམས་དོ་དམ་ཁུལ་དུ་འཛུལ་སྒྲོལ་བྱེད་མཁན་གྱི་འཁོར་རིགས་ཐེངས ༢༤༠༣༡ དང་མི་ཐེངས ༦༦༦༢༤ ལ་ཞིབ་བཤེར་བྱས་པ་མ་ཟད།  རིགས་ཁག་གི་རོགས་སྐྱོབ་ཐེངས ༨ བྱས་ཡོད།།

  ༼  རྩོམ་སྒྲིག་བློ་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]